loaging    LOADING.....
歡迎來到BeClass線上報名系統 !
免費、快速、簡單,輕鬆製作線上報名系統!
站內搜尋 承辦人員登入  · 註冊
最新活動 · 熱門活動 · 地圖搜尋 · 報名表範例 · 系統問題 · 功能說明

薩迦圓滿宮法王子 無變金剛仁波切 阿彌陀佛灌頂

活動日期:2018-01-16

薩迦圓滿宮法王子 無

活動說明

阿彌陀佛灌頂   
因故增加名額  空間有限 請考量自身能否接受擁擠的環境

傳法上師  : 薩迦圓滿宮法王子---無變金剛仁波切 Avikrita Vajra Rinpoche
時間  :  2018/1/16 10:00 AM ~ 12:00 (需事先報名)
地點 : 正法源學佛會
台北市大安區建國南路一段258巷24號1F

02-27029902 (請於上班時間來電)

(本活動需事先報名,一律網路報名 , 恕不接受電話報名)



༄༅། །དཔལ་ས་སྐྱ་གོང་མ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་བཞུགས་སོ། 
吉祥薩迦圆满宫法王子 無變金剛仁波切略傳


吉祥薩迦圓滿宮怙主,尊貴的法王子無變金剛仁波切於吉日陽曆1993年5月26日星期三,在美國西雅圖伴隨著種種瑞祥誕生於具三勝名的高貴的昆氏薩迦家族。仁波切的父親是怙主法王吉札達欽仁波切之子札雅仁波切,母親是達嫫蘭澤玉珠。從小就具有菩薩心腸,秉性善良。




遵循怙主達欽法王與佛母嘉嫞千嫫的意願,出於對學習佛法及了解西藏語言,文化,習俗等的重視,仁波切年僅五歲時即前往印度開始學業,沉浸在西藏社會,環境,寺廟,僧院之中聞思學習,也多次修習了普巴金剛等各種閉關。在圓滿完成儀軌念誦及手印等的學習後,仁波切曾擔任過僧眾大法會的仁誦切及金剛阿阇黎等重任。仁波切在根本上師怙主第四十一任薩迦法王為主的諸多不分教派的高僧,大德座前領受了諸多灌頂,口傳,教授,竅訣等珍貴教法,學有所成,猶如淨水盈滿寶瓶般。




十六歲時,為了學習顯密經典,仁波切進入北印度宗薩佛學院進修,現已圓滿完成中觀及經論班的學業,正在進修阿阇黎學位。同時,鑑於仁波切外在的品德舉止與內在的博學功德,宗薩佛學院管理委員會於2016年邀請仁波切擔任复講師一職,在進修自身學業的同時也為其他年級的學生复講。有時,仁波切也被各地學府,機構邀請,在時機合適時為大家介紹佛法,啟發大家對藏族語言文化的興趣等,給予中肯建議。仁波切的開示如明燈般照亮人們心中黑暗,受到大家的欽佩和稱讚。





དཔལ་ས་སྐྱ་པའི་༧སྐྱབས་མགོན་གོང་མ་ཕུན་ཚོགས་ཕོ་བྲང་གི༧སྐྱབས་མཆོག་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༩༣ ཟླ་ ༥ ཚེས་ ༢༦ རེས་གཟའ་ལྷག་པ་དགེ་བའི་ཉིན་རིགས་རུས་མཆོག་གྱུར་མཚན་མཆོག་གསུམ་ལྡན་གྱི་ས་སྐྱ་པའི་གདུང་རྒྱུད་དྲི་མ་མེད་པར་ཡབ་༧སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་སྲས་ཛ་ཡ་བཛྲ་རིན་པོ་ཆེ་མཆོག་དང་ཡུམ་བདག་མོ་ལྷ་མཛེས་གཡུ་སྒྲོན་རྣམ་གཉིས་ཀྱི་སྲས་སུ་ནུབ་ཕྱོགས་ཨ་རིའི་ཡུལ་སེ་ཨ་ཀྲལ་ཞེས་པའི་མངའ་སྡེ་རུ་ལྟས་དུ་མ་དང་བཅས་སྐུ་འཁྲུངས་ཤིང་རྒྱུད་ལ་བྱང་ཆུབ་སེམས་དཔའི་གཤིས་བཟང་འཁྲུངས་པ་ཞིག་བཞུགས། 
༧སྐྱབས་མགོན་༧གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་དང་རྒྱལ་ཡུམ་ཆེན་མོ་རྣམ་གཉིས་ཀྱི་ཐུགས་དགོངས་བཞིན་སྤྱིར་ནང་ཆོས་དང་སྒོས་སུ་བོད་ཀྱི་སྐད་དང་རིག་གཞུང་ལུགས་སྲོལ་སོགས་ལ་མཁྱེན་རྟོགས་དགོས་རྒྱུ་གལ་ཆེན་དུ་གཟིགས་ནས་སྐུ་ཡོན་གསན་བསམ་ཆེད། དགུང་ལོ་ལྔ་ནས་རྒྱ་གར་དུ་ཕེབས་སྐྱེལ་ཞུས་ཏེ། བོད་པའི་སྤྱི་ཚོགས་དང་ཁོར་ཡུག་དགོན་པ་གྲྭ་ཚང་སོགས་ལ་ཤིན་ཏུ་འབྲེལ་ཐག་ཉེ་སར་ཐོས་བསམ་སློབ་གཉེར་གྱིས་དུས་འདའ་བ་མཛད་དེ། ཕུར་པ་སོགས་ཀྱི་བསྙེན་སྒྲུབ་ཡང་དུ་མ་གནང་། འདོན་ཕྱག་ལེན་སོགས་ལ་སྦྱངས་བརྩོན་མཐར་ཕྱིན་པ་གནང་སྟེ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དབུ་མཛད་དང་རྡོ་རྗེ་སློབ་དཔོན་སོགས་གནང་། དམ་པ་ཁོང་ཉིད་ཀྱི་རྩ་བའི་བླ་མ་སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་ཟབ་ཁྲིད་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་གནང་མཛད།
དགུང་ལོ་བཅུ་དྲུག་ལ་ཕེབས་པའི་ཚེ་མདོ་སྔགས་གཞུང་ལུགས་ཁག་ལ་གསན་བསམ་ཆེད་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་རུ་འཛུལ་ཞུགས་གནང་ནས་དབུ་མ་དང་། བསྟན་བཅོས་ཀྱི་འཛིན་རིམ་ཁག་ལེགས་ཐོན་ཟིན་ནས་ད་ལྟའི་ཆར་སློབ་དཔོན་འཛིན་གྲྭར་ཕེབས་བཞིན་པ་དང་། ཕྱི་ལོ་༢༠༡༦ ལོར་བཤད་གྲྭའི་འཛིན་སྐྱོང་ནས་མགོན་པོ་གང་ཉིད་ཀྱི་ཕྱིའི་ཀུན་སྤྱོད་དང་། ནང་གི་མཁྱེན་ཡོན་སོགས་གང་སྤྱིའི་འོས་བབ་དང་བསྟུན་གསོལ་བ་བཏབ་པ་ལྟར་སྐྱོར་དཔོན་གྱི་ཐུགས་འགན་བཞེས་ཏེ་གཞན་ལ་ཡང་འཆད་ཁྲིད་གནང་བཞིན་པ་དང་། སློབ་གྲྭ་སོགས་ཚོགས་སྡེ་ཁག་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་དུས་ཚོད་སྟབས་འགྲིགས་པའི་རིགས་ལ་ཕེབས་ཏེ་གང་ལ་གང་འཚམ་པའི་ནང་ཆོས་ངོས་སྤྲོད་དང་། བོད་ཀྱི་སྐད་ཡིག་དང་རིགས་གཞུང་སོགས་ལ་ཞེན་བསྐུལ་གྱི་བཀའ་སློབ་བློ་མུན་སེལ་བའི་སྒྲོན་མེ་བསྩལ་བར་གཟུར་གནས་སྐྱེ་བོ་
ཀུན་གྱིས་ཡིད་སྨོན་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བཞིན་པ་སོགས་རྣམ་ཐར་མདོར་བསྡུས་ལགས་སོ།།


活動地點資訊

地點:台北市大安區建國南路一段258巷24號1F
more events
75
近期熱門活動...
© 2023 - 關於BeClass |  隱私權保護暨服務及聲明條款 |  聯絡我們  |  手機模式